གཞས་གསར༼སྐྱིད་གྲགས་གཉིས་འཛོམས་ཀྱི་དཔལ་འབར།༽泽旺拉姆最新歌曲《吉祥闻名的边坝》

  • A+
所属分类:影音放送

ཚིག ངག་དབང་རྡོ་རྗེ།
དབྱངས། བཀྲ་ཤིས་ཚེ་བརྟན།
ལེན་མཁན། ཚེ་དབང་ལྷ་མོ།

སྐྱིད་པོ་གཅིག་དང་གྲགས་པོ་གཉིས།
སྐྱིད་གྲགས་གཉིས་འཛོམས་ས་དཔལ་འབར་རེད།
རི་གྲགས་གྲགས་ཤར་བའི་གང་ལ་གྲགས།
ལ་དེ་ལ་འགྲོ་བའི་ཕོ་རྒོད་གྲགས།
ཆུ་གྲགས་གྲགས་རྒྱལ་མོ་རྔུལ་ཆུ་གྲགས།
མཚོ་གྲགས་གྲགས་ཕུ་ཡི་མཚོ་གསུམ་གྲགས།
མཚོ་དེ་ལ་འཛོམས་པའི་བུ་མོ་གྲགས།
སྐྱིད་འཚོ་བ་རིང་བའི་བཀྲ་ཤིས་ཤོག

སྐྱིད་པོ་གཅིག་དང་གྲགས་པོ་གཉིས།
སྐྱིད་གྲགས་གཉིས་འཛོམས་ས་དཔལ་འབར་རེད།
སྟོད་མངའ་རིས་ཡན་ན་དཔལ་འབར་གྲགས།
བར་དབུས་ཀྱི་གཙང་པོའི་འགྲམ་ན་གྲགས།
གནའ་སྔ་མོའི་ཇ་རྟ་གནའ་ལམ་གྲགས།
དུས་ད་རེས་འབྱོར་ཕྱུག་ལམ་ལ་གྲགས།
ངའི་ཕ་ཡུལ་གྲགས་ལ་ཉམས་མེད་དང་།
སྐྱིད་འཚོ་བ་རིང་བའི་བཀྲ་ཤིས་ཤོག

  • 稻城记忆
  • 微信扫一扫
  • weinxin
  • 稻城土特产
  • 微信扫一扫
  • weinxin

发表评论

:?: :razz: :sad: :evil: :!: :smile: :oops: :grin: :eek: :shock: :???: :cool: :lol: :mad: :twisted: :roll: :wink: :idea: :arrow: :neutral: :cry: :mrgreen: